チベット高原万華鏡 生業文化の古今の記録を地図化する モザイク柄のヘッダ画像

チベット高原万華鏡 M村語彙—用例

« »
ページ: of 15
全 283 件
260
མོ་ལས
mo las
モリ
女性の仕事
▼
用例 1
Mགྲོང་ཚོ་རང་གི་སྨྲ་བརྗོད་དུ་ཡང་ལས་བགོ་འདི་འདྲར་སྲོལ་རྒྱུན་གྱི་འབོད་སྟངས་ཤིག་ཆགས་ཡོད་དེ། དེ་ཡང་ཕོ་ཡིས་ལས་དགོས་པ་དང་དེ་ཡི་ཁྱབ་ཁོངས་སུ་གཏོགས་པའི་ལས་ཀ་ཡོད་ཚད་ལ་ཕོ་ལས་ཟེར་བ་དང་། མོ་ཡིས་ལས་དགོས་པ་དང་དེ་ཡི་ཁྱབ་ཁོངས་སུ་གཏོགས་པའི་ལས་ཀ་ཡོད་ཚད་ལ་མོ་ལས་ཟེར། ཕོ་ལས་དང་མོ་ལས་ཀྱི་དབར་དུ་དབྱེ་མཚམས་ཅུང་མངོན་གསལ་དོད་པོ་ཞིག་ཡོད་དེ། དེ་ཡང་གྲོང་ཚོ་འདིའི་མི་བྱེ་བྲག་པ་ཞིག་གི་ངག་ལས་ངས་ནི་ཕོ་ལས་མོ་ལས་མཉམ་དུ་ལས་དགོས་བྱུང་ཞེས་བཤད་པའི་སྐབས་སུ་མི་དེས་རང་གི་ཡིད་སྐྱོ་བའི་འཚོ་བའི་གནས་སྟངས་དེར་སྨྲེ་ངག་འདོན་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། ཡིན་ན་ཡང་། ཕོ་ལས་དང་མོ་ལས་ཀྱི་དབྱེ་མཚམས་དེ་ཡང་གྲི་ཡིས་གཏུབས་པ་ལྟར་ཤིན་ཏུ་གསལ་པོ་ཞིག་ཀྱང་ཡིན་མི་སྲིད་དེ། མཚམས་རེར་ཕོ་ཡི་ལས་ཀར་མོ་ཡིས་རོགས་རམ་བྱེད་དགོས་པ་དང་མོ་ཡི་ལས་ཀར་ཕོ་ཡིས་རོགས་རམ་བྱེད་དགོས་པ་ཡང་ཡོད་དེ། འདི་ལ་ཕོ་མོ་མཉམ་རུབ་ཀྱི་ལས་ཀ་ཡང་ཟེར།
M村の言葉にも仕事の性役割分担に呼び名があり、男性がしなくてはならない仕事とその領分に入る仕事はホリ〔男仕事〕、女性がしなくてはならない仕事とその領分に入る仕事はモリ〔女仕事〕と呼ぶ。ホリとモリの区別は比較的はっきりしていて、例えば村の誰かが口頭で、「ホリもモリもしなけりゃならない」と言ったとすると、その人は(仕事盛りの夫ないし妻がいないといった)悲しい状況に恨み節を述べているようなものである。しかし、ホリとモリはナイフですっぱり切り分けられるようにはっきり分かれているわけではなく、時には男性の仕事を女性が手伝うこともあれば、女性の仕事を男性が手伝うこともあるのであって、そうした仕事は男女協業の仕事とも言う。
M村民俗誌: p.78
翻訳: 星泉
用例ID: 2387
605
དམངས་ཁྲོད་ཀྱི་ཆོས་ལུགས
dmangs khrod kyi chos lugs
民間信仰
545
དམར་ཁྲིད
dmar khrid
直伝
694
ཙད་ལུག
tsad lug
熱中症の羊
265
ཙོང་སྐྱིབས
tsong skyibs
ネギのお焼き
小麦粉の生地にネギを包んで焼いたもの
270
རྩམ་ཇ
rtsam ja
ツァムチャ
ツァンパ茶、ツァム茶
ツァンパ入りのお茶はルンの病に効くという
▼
用例 1
མཚམས་རེར་ཁྱིམ་བདག་མའི་མོས་པ་ལྟར་དམིགས་བསལ་གྱི་འོ་ཇ་ཞིག་བསྐོལ་ཡོང་སྟེ། དེའི་མིང་ལ་རྩམ་ཇ་ཟེར། བཤད་སྲོལ་ལ་རྩམ་ཇ་ཡིས་རླུང་ཁུག་པར་བཤད་ཅིང་། ནད་རླུང་མཁྲིས་བད་ཀན་གསུམ་ལས་རླུང་གི་ནད་གསོ་བའི་ནུས་པ་ཁྱད་པར་བ་ཞིག་ཡོད་པར་སྐད། རྩམ་ཇ་སྐོལ་སྟངས་ཀྱང་རྙོག་འཛིང་ཞིག་མ་ཡིན་ཏེ། དེ་ཡང་ཐོག་མར་མར་གྱི་ནང་དུ་རྩམ་ཕྱེ་བརྔོ་དགོས་པ་དང་། དེ་ནས་མར་དང་སྦྲགས་ནས་བརྔོས་ཟིན་པའི་རྩམ་ཕྱེ་དེ་འཁོལ་བཞིན་པའི་སླ་ངའི་ནང་གི་ཆུ་ཁལོ ་དུ་བཏབ་པ་དང་། དེ་ནས་ཇ་ལོ་བཏབ། འོ་མ་བླུགས། ལྷག་ལྷོག་ཏུ་མ་གདུས་སྔོན་ནས་ཟངས་སྐྱོགས་ཀྱིས་ཡང་དང་ཡང་དུ་ཕྱར་དགོས་ཀྱི་ཡོད་ལ། ལྷག་ལྷོག་ཏུ་གདུས་རྗེས་ཀྱང་དེ་ལྟར་ཡུན་རིང་པོར་ཕྱར་དགོས་ཀྱི་ཡོད། དེར་བརྟེན་རྩམ་ཇ་བསྐོལ་བ་ནི་ཞོགས་པར་བྲེལ་འཚུབ་ཆེ་བའི་ཁྱིམ་བདག་མ་ལ་མཚོན་ན་དུས་ཚོད་འཕྲོ་བརླག་ཆེན་པོ་བྱེད་པའི་ལས་ཀ་ཞིག་ཡིན་པས། དུས་རྒྱུན་དུ་རྩམ་ཇ་བསྐོལ་མི་སྲིད།
たまに主婦の発案で特別なミルク茶を沸かすことがあって、それはツァム茶というものだ。言い伝えによれば、ツァム茶はルンの病を落ち着かせるといって、ルン・ティーバ・ペーケンという3つの病のうち、ルンの病を治癒する特別な効力があるのだという。ツァム茶の作り方はたいして複雑なものではなく、まずバターでツァンパを炒め、炒めたツァンパを沸かしたお湯の中に投入し、茶葉を入れ、ミルクを注ぎ、ぐつぐつと沸かし、たっぷり時間をかけて掬っては落とし、掬っては落としてかき混ぜなくてはならない。だからツァム茶をつくるのは朝忙しい主婦にとっては時間を食う仕事なので、普段はツァム茶はつくらない。
M村民俗誌: p.111
翻訳: 星泉
用例ID: 2379
511
རྩི་ཏོག
rtsi tog
イネ科の草の穂
740
རྩོད་གླེང
rtsod gleng
訴訟
741
རྩོད་ཉོག
rtsod nyog
泥沼の争い
717
རྩོད་པ
rtsod pa
諍い
470
རྩྭ་སྐྱ
rtswa skya
ツァキャ
白枯れとなった草、干し草
▼
用例 1
གོང་དུ་བཤད་མྱོང་བ་ལྟར་རྩྭ་ནི་ཞིང་ལས་ལས་བྱུང་བ་ཡིན་ཞིང་དེ་ཡང་སྟོན་གི་དུས་སུ་འབྲུ་རིགས་དེ་དག་གཡུལ་དུ་བཅག་ཚར་བ་དང་སྙེ་མའི་ནང་ནས་འབྲུ་རྡོག་བཏོན་ཚར་རྗེས། རྩྭ་སྐྱར་གྱུར་པ་དེ་རྩྭ་ཁང་དུ་བཅུག་ནས་ཉར་འཇོག་གང་ལེགས་བྱས་པ་ལ། དགུན་དང་དཔྱིད་ཀྱི་དུས་སུ་གཞི་ནས་ཆེ་རྡོ་དེ་དག་ལ་སྟེར་དགོས་ཀྱི་ཡོད།
叙述の通り、(飼料の)草は畑仕事から得られたものであり、それも秋の収穫期に脱穀を済ませ、穂についた穀物を取ったあと、白枯れとなった草(rtswa skya)を飼料小屋(rtswa khang)に入れてよく保管し、それを冬や春(の草のない時期)に初めて取り出して、家畜に与えることになる。
M村民俗誌: p.185
翻訳: 星泉
用例ID: 668
471
རྩྭ་ཁང་
rtswa khang
ツァカン
干し草小屋、干し草の保存室
飼料用の干し草を保管する小屋
▼
用例 1
གོང་དུ་བཤད་མྱོང་བ་ལྟར་རྩྭ་ནི་ཞིང་ལས་ལས་བྱུང་བ་ཡིན་ཞིང་དེ་ཡང་སྟོན་གི་དུས་སུ་འབྲུ་རིགས་དེ་དག་གཡུལ་དུ་བཅག་ཚར་བ་དང་སྙེ་མའི་ནང་ནས་འབྲུ་རྡོག་བཏོན་ཚར་རྗེས། རྩྭ་སྐྱར་གྱུར་པ་དེ་རྩྭ་ཁང་དུ་བཅུག་ནས་ཉར་འཇོག་གང་ལེགས་བྱས་པ་ལ། དགུན་དང་དཔྱིད་ཀྱི་དུས་སུ་གཞི་ནས་ཆེ་རྡོ་དེ་དག་ལ་སྟེར་དགོས་ཀྱི་ཡོད།
叙述の通り、(飼料の)草は畑仕事から得られたものであり、それも秋の収穫期に脱穀を済ませ、穂についた穀物を取ったあと、白枯れとなった草(rtswa skya)を飼料小屋(rtswa khang)に入れてよく保管し、それを冬や春(の草のない時期)に初めて取り出して、家畜に与えることになる。
M村民俗誌: p.185
翻訳: 星泉
用例ID: 668
737
རྩྭ་མགོ
rtswa mgo
草の柔らかい部分
715
རྩྭ་རྩོད
rtswa rtsod
草地争い
742
རྩྭ་ར
rtswa ra
草地囲い
塀や石塀などで囲われた草地
502
རྩྭ་ཧྲུག
rtswa hrug
干し草のかす
474
ཚ་ཐབ
tsha thab
ツァタプ
かまどの熱で温めた高床
温かいので寒い時期には一家団欒の場所となる
485
ཚ་དམ
tsha dam
魔法瓶
486
ཚ་དེམ
tsha dem
魔法瓶
693
ཚ་སྨུག
tsha smug
蒸し暑さ
« »
ページ: of 15